སྐྱེ་བོ་གསུམ་ལ་ཕུལ་བའི་སྙན་ངག

    བས་མཐའ་བ། མགོ་ལོག

སྐྱེ་བོ་གསུམ་ལ་ཕུལ་བའི་སྙན་ངག ཞར་བཀོད་གཉིས།
          རྒྱུད་སྐུད་སྟེང་གི་ཤེས་པ་གྲོལ་བའི་མི།
                     བས་མཐའ་བ། མགོ་ལོག


ཁྱོད་ཀྱིས་ལག་ཏུ་གྷེ་ཋ་ཐོགས་རྗེས
ཁྱོད་རང་མི་ཚེ་གང་བོ་བས་མཐའི་གནས་སུ་ལྷུང
 
རྨི་ལམ་དུ་ལས་ཀྱི་རླུང་བུ་བསིལ་བསིལ་ངུ
 
ཁྱོད་ཀྱིས   རྨོ་ཞིང་འདེབས་པའི་རྨོངས་བའི་ར་བར
ཡིད་གཉིས་ཐེ་ཚོམ་མེད་པར་ཆུ་འདྲེན
ཆུ་དེ་དྭངས་བ་ལ་ཨང
 

ཚེ་ལོ་རྒྱུད་སྐུད་དང་བྲལ་དུ་མེད་པའི་མི་ཕོ།
 
དུས་ནི་རླུང་ནང་གི་བ་སྤུ་ལས་ཀྱང་ཡང
ཡང་བས་མི་རྣམས་མངའ་མཉེས་བའི་གར་བ་ཞིག་ཏུ་བསྒྱུར
དེ་ལྟ་ན་ཡང   ཚེ་ལོ་རྒྱུད་སྐུད་དང་བྲལ་དུ་མེད་པའི་མི་ཕོ་ཁྱེད
ངག་གི་རྩ་མདུད་གྲོལ་བའི་དཔའ་གདེང་ནང་རྟག་ཏུ་བཞུགས
 
རྒས་རྒྱུ་མེད་པའི་ཉིད་ཀྱི་གླུ་སྐད་ནང
ང་རང་ཡུད་ཙམ་བསྡད་པས་ཀྱང
ལས་ཀྱི་སྡུག་བསྔལ་མཐའ་དག་ཞུ་སྟེ་འགྲོའོ


ངག་གི་རྩ་མདུད་གྲོལ་བའི་འབྲོག་ཐང་གི་རྟ་པ།
 
གླུ་ཡི་སྙེ་མ་འབྲོག་ཐང་དང་དུས་གཅིག་ཏུ་འབུས་པས
ཁྱོད་རང་འབྲོག་ཐང་གི་རྟ་པ་ངོ་མ་དེ་ཡིན་འགྲོ
ཡང་ན། ངག་གི་རྩ་མདུད་གྲོལ་བའི་འབྲོག་ཐང་གི་རྟ་པ་ངོ་མ་དེ་ཡིན་འགྲོ
མཐོན་པོའི་གནམ་དང་དལ་མོའི་ཆུ་ཡི་ཀྱང
ཁྱོད་རང་སྤྲིན་པ་ལྟར་སྣང་ཞིང་ཁྱོད་རང་རླབས་ཕྲེང་བཞིན་གཡོ་ནུས་པས
ཁྱོད་རང་འབྲོག་ཐང་གི་རྟ་པ་ངོ་མ་དེ་རེད་སྙམ་འདུག


སྨག་མེད།
 
སྙིང་ལ་བྲག་ཅ་འཐབ་པའི་སྒྲ
མུན་པ་བཀྲུ་བྱེད་ཀྱི་རྒྱ་མཚོའི་ནང་དུ་འཁྱིལ
 
རླུང་ནང་གི་ཤོག་བུས་འཇིག་རྟེན་ཡོངས་སུ་ཁེབས
 
ལྷོག་ལྷོག་ཏུ་གདུ་བའི་སེམས་པ
ལག་གི་ཕོར་བའི་ནང་དུ་བླུགས་རྗེས
སྨག་མེད་པའི་དུས་ཚོད་མཐའ་དག་ཁེགས་པར་གྱུར


རྗེ་མི་ལ་དང་མཛེས་སེ།
                  
སྤྲིན་ཡུག་གཅིག
མང་ཡུལ་གུང་ཐང་ཕྱོགས་སུ་རྒྱུ
 
ཡབ་དང་ཡུམ་གྱི་བཀོད་པ
ཆུ་མིག་ཅིག་དཀྲོགས་པའི་གོ་རིམ་ནང་ན
 
དུས་ཚོད་ཀྱི་སྐྱེ་འཆིའི་བར་ན
རྗེ་མི་ལ་དང་མཛེས་སེ
གཉིད་དུ་ཡུར་བའི་ཁྱོད་ཀྱིས་སྔུན་ཏག་ཏག་ནས་བརྒལ
                                རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease