ཁོ་ཧྥེ།

    རྩོམ་པ་པོ། ཟར་མ།


ཁོ་ཧྥེ།

                   ཟར་མ།


ཁོ་ཧྥེ་ཁ་བོ་ཁ་བོ་ཞིག
ཨམ་གཙིགས་སུ་བསྡམས་ནས་ཁྱུར་མིད་བྱས
མགོ་འདར་འདར
མིག་ཀྱང་ཕྱེ་མི་ཐུབ་པའི་རྣམ་འགྱུར
སུས་ཀྱང་མི་ཤེས་སར་འཇིག་སོང


ཁོ་ཧྥེ་རུ་བསྙལ་བའི་མེ་ཏོག
ཚེ་རབས་གྲངས་མེད་ལ་འཇིག་པ་མེད་པར་གྱུར
གངས་རིའི་རྩེ་དང་ལྗོན་པའི་མདངས
བར་སྣང་གང་དུའང་གནས་སྲིད་པས
སྐྱེ་བ་དུ་མར་མ་མཐའ་དྲི་བསུང་དེའི་མཐའ་འཁོར་ནས་འཚོ་ཐུབ

                          ༢༠༢༦/༥/༣


འཁྲུལ་སྣང་།


རྨི་ལམ་རྨིས་ཤུལ་དུ
ཆང་དམ་རྩིས་ཀྱིས་མི་ལོང་བ
ཁང་ཆག་གི་སྒོ་ཁྱིམ་ཕྱི་ནང་དུ་གཏོར
འབྲི་དེབ་ཐེད་པོ་དེའང་ཆང་གིས་སྦངས
ཡིག་འབྲུ་མི་གསལ་བར་གྱུར་པས
གནས་ཚུལ་ཅི་ཡང་ཤེས་ཐབས་མ་བྱུང


གྲོང་གི་རྒད་པོས
ཁང་ཆག་དེར་འདྲེ་གནས་བར་བཤད
མངོན་གསུམ་དུ་མཐོང་བའང་བཤད་རྒྱུ་འདུག
མ་ཚད་ཁང་ཆག་འདི
སྔོན་བཟའ་ཟླ་གཉིས་ཀྱི་ལོ་རྒྱུས་ཡོད་པར་བཤད
         ༢༠༢༦/༥/༢
                                 རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease