
作者:谷川俊太郎【日本)【ཉི་ཧོང་།]ཐ་ནེ་ཁ་བ་ཤོན་ཐ་རོའི་སྙན་ངག
གླག་ཐ་བདེ་ཆེན་རང་གྲོལ་(སྡིག་སྲྀན)གྱིས་བསྒྱུར།
ཁང་མིག་གི་སྐོར།
མི་ཡིས་རང་ཉིད་བསྐོར་བསྐྱིལ་བྱས་སོང་།
དེ་ནི་བར་སྣང་ཧ་ཅང་འཇིགས་སུ་རུང་བས་ཡིན།
དུས་ཚོད་ནི་ཤིན་ཏུ་ཡིད་སྐྱོ་བ་ཞིག་རེད།
དེ་ནས། མི་རྣམས་ཀྱིས་བློ་བདེ་བའི་ངང་དུ་བསམ་པར།
དེ་རུ། རྫོགས་མཐའ་མེད་པར་བར་སྣང་གི་ཚབ་བྱེད་ཐུབ་པའི་རྩིག་པ་དཀར་པོ་ཡོད།
རྫོགས་མཐའ་མེད་པར་བར་སྣང་གི་ཚབ་བྱེད་ཐུབ་པའི་མལ་ཁྲི་སྙི་མོ་ཡོད།
འོན་ཏེ། སྒོ་གླེགས་དང་སྒེའུ་ཁུང་ནི་དགོས་ངེས་ཅན་ཡིན།
སྒོ་གླེགས་ནི་ཡིད་གཅུགས་ཀྱི་གྲོགས་པོའི་ཆེད་དུ་ཡིན།
སྒེའུ་ཁུང་ནི་མཛེས་སྡུག་གི་དབྱར་ཁའི་ཆེད་དུ་ཡིན།
ཉིན་མོར། ཕྱི་རོལ་དུ་སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་པའི་རྩིག་པ་ཡོད།
ཐང་ཆེན་དང་སྲང་ལམ་གྱི་མལ་ཁྲི་ཡོད།
ཡིན་ནའང་། མཚན་མོར་མི་ཡིས་རང་ཉིད་བཀག་སོང་།
མི་ཡིས་རྟག་ཏུ་འདི་ལྟར་གླེང་མོལ་བྱེད། “ཁང་མིག་ནི་ཤིན་ཏུ་དྲོད་སྐྱིད་ལྡན།”
ཁང་མིག་ཏུ་ལྷག་བསམ་རྣམ་དག་གིས།
མི་ལ་མཛའ་གཅུགས་ཀྱི་གནས་ཚད་ལྟར་དུ་སྡོད་དུ་འཇུག
དབྱར་དགུན་སྟོན་དཔྱིད། ཉིན་ཞིག་འཆི་བའི་བར་དུ།
ང་ཡིས་མི་ཡི་སྐོར་དང་ཕྱིན་ཆད་ཀྱི་བྱ་བ་མི་ཤེས།
མི་ནི་མེད། ཁང་མིག་རིམ་བཞིན་འཇིག་རྟེན་དང་མཚུངས།
关于房间
人把自己围起来
是因为空间太可怕
时间太可悲
于是人们安心地想
那里有取代无限空间的白墙
有取代无限空间的软床
但窗户和门扉是必要的
门扉为了亲密的朋友
窗户为了美丽的夏日
白天,外面也有蓝天和云墙
有原野和街道的睡床
可是晚上人把自己关起来
人常这样念叨:“房间很温馨”
房间忠实地让人住在亲密的坐标
春夏秋冬,直到某一天的死——
关于人和以后的事我不知道
没有人,房间
就会渐渐像宇宙
འཚོ་བ།
གསོན་པ།
ཟླ་དྲུག་པའི་ལུག་མཉེ་མེ་ཏོག་གིས་ང་རང་གསོན་དུ་བཅུག
ཤི་ཟིན་པའི་ཉ་མོ་ཡིས་ང་རང་གསོན་དུ་བཅུག
ཆར་གྱིས་རློན་པར་བཟོས་པའི་ཁྱི་ཕྲུག་དང་།
ཉིན་དེའི་མཚམས་སྤྲིན་གྱིས་ང་རང་གསོན་དུ་བཅུག
གསོན་པ།
བརྗེད་ཐབས་མེད་པའི་དྲན་ཤེས་ཀྱི་ང་རང་གསོན་དུ་བཅུག
གསོན་པ།
གློ་བུར་དུ་ཕྱིར་ལ་ལྟ་བའི་ངོ་གདོང་ཞིག་གིས་ང་རང་གསོན་དུ་བཅུག
བརྩེ་དུང་ནི་སྦྲུལ་ལོང་བ་ཞིག་ཡིན།
མདུན་པ་བརྒྱབ་པའི་ལྟེ་ཐག་ཡིན།
གཡའ་ཆགས་པའི་སྒོ་ཟྭ་ཡིན།
ཁྱི་ཕྲུག་གི་རྐང་པའི་ལོང་བུ་ཡིན།
活着
活着
六月的百合花让我活着
死去的鱼让我活着
被雨淋湿的幼犬
和那天的晚霞让我活着
活着
无法忘却的记忆让我活着
死神让我活着
活着
猛然回首的一张脸让我活着
爱是盲目的蛇
是扭结的脐带
是生锈的锁
是幼犬的脚脖
རྩོམ་སྒྲིག་པ། འཕགས་མི།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease