དཔེ་འཕྲིན། བྱེའུ་བྱང་ཆུབ་སྒྲོལ་མ།

    མི་སྒེར་གྱི་བརྩམས་ཆོས་དེབ་ཕྲེང་གཉིས་པ།

དཔེ་འཕྲིན། བྱེའུ་བྱང་ཆུབ་སྒྲོལ་མ།
         
མི་སྒེར་གྱི་བརྩམས་ཆོས་དེབ་ཕྲེང་གཉིས་པ།
                           རྩོམ་པ་པོ།  ནག་རླུང་ཐར།   


༄།།བོད་ཀྱི་གྲྭ་གཞོན་སྙན་ངག་པ་ནག་རླུང་ཐར་གྱི་སྙན་དེབ་བྱེའུ་བྱང་ཆུབ་སྒྲོལ་མ་ཉིན་འདི་འགའི་ནང་གསར་ཏུ་ཐོན་ལ་ཉེ།རང་ཉིད་སྙན་ངག་ལ་དགའ་མཁན་ཞིག་ཡིན་པའི་ཆ་ནས།རྒྱུན་དུ་གཞོན་སྐྱེས་དང་དེའི་ནང་ནས་ཀྱང་གྲྭ་གཞོན་སྙན་ངག་པ་ཚོས་བྲིས་པའི་སྙན་ངག་ལ་དོ་སྣང་བྱེད་ཀྱིན་ཡོད།སྙན་ངག་གི་དེབ་《བྱེའུ་བྱང་ཆུབ་སྒྲོལ་མ་》དང་དེའི་རྩོམ་པ་པོ་ནག་རླུང་ཐར་ནི་བདག་གིས་མི་ལོ་དུ་མའི་རིང་ལ་དོ་སྣང་བྱས་ནས་འོངས་པའི་གྲྭ་གཞོན་སྙན་ངག་པ་དང་གྲྭ་གཞོན་སྙན་ངག་པའི་བརྩམས་ཆོས་གྲས་ཀྱི་གཅིག་ཡིན་པར་མ་ཟད།བདག་གིས་རྒྱུན་དུ་འདི་ནི་རྣམ་དཔྱོད་ལྡན་པ།འདི་ནི་དྲན་ཚུལ་རྒོད་པོ།འདི་ནི་སྙིང་སྟོབས་འཛོམས་པའི་“གྱི་ལིང་དཀར་པོ་”ཞིག་ལ་ངོས་འཛིན་བཞིན་ཡོད།
                 བྱ་མདོ་རབ་རྒྱས།

བྱེའུ་ཆུང་བྱང་ཆུབ་སྒྲོལ་མ
བདེ་སྟོང་གདན་ལ་མ་བཞུགས
སྐྱ་རེངས་དང་པོའི་མཚམས་ནས
གླག་དམར་བཞིན་ཏུ་མངོན་སོང

ངག་ལ་བབས་པའི་བྱེའུ་ཆུང
བྱེའུ་ཆུང་བྱང་ཆུབ་སྒྲོལ་མ
ཀུན་རྟོག་ཤིང་ལ་བཅས་ཏེ
ནམ་ལ་གཤོག་རྡང་མཐུད་ཤོག
           ཚྭ། 

ངེད་གཉིས་ངོ་འཕྲད་མ་མྱོང་ན་འང་། འཕྲིན་ཕྲན་འབྲེལ་བ་ཡོད་ནས་ཡུན་རིང་སོང་། ངས་བར་བར་དུ་ཁོའི་སྙན་ངག་བཀླགས་པ་ཡིན། ཁོའི་སྙན་ངག་དག་ནིབརྗོད་པ་གཙང་ཞིང་སྐྱོ་ཉམས་ཀྱིས་ཕྱུག་པ། མི་རྟག་པའི་སྣང་བའང་ཟིན་སྙམ་བྱེད་པའི་ཐ་སྙད་དག་ཡི་གར་འོང་བ། ཐ་སྙད་རྐྱང་པ་སྡེབ་སྒྲིག་བྱས་པ་ཙམ་མིན་པར་འཆར་སྒོའི་ཐང་ཡངས་པ་ནས་རྣམ་དག་གི་བརྩེ་བ་སྟོན་ཐུབ་པ་སོགས་ང་རང་གི་ཡིད་ངོར་མཛའ་བའི་སྙན་ངག་ལྷག་ཏུ་མང་། སྙན་ངག་དེ་དག་བྱེའུ་བྱང་ཆུབ་སྒྲོལ་མར་སྤྲུལ་ནས་ཁྱེད་ཅག་གི་མདུན་དུ་ལྷགས་ན། ཁྱེད་ཅག་གིས་ཀྱང་མཐར་འཛིན་པའི་ལྟ་བ་རེ་ཞིག་སྐྱུངས་ལ་འཕྲུལ་སྣང་གི་ལྗོན་རྩེ་ཡི་བྱེའུ་བྱང་ཆུབ་སྒྲོལ་མའི་སྟངས་ཀ་ལ་གཟིགས་ཙམ་གནོངས་དང་། ཨ་འཐས་ཀྱི་སེམས་པ་དལ་ཅིག་ལྷོད་ལ་འབབ་ཐུབ་ངེས་སྙམ།              
              ཐོ་ཡོར།


འབྲེལ་ཡུལ། 183 8366 7366       13558516080
                      རྩོམ་སྒྲིག་པ། མྱི་གསར་བ། 


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Neteas