
དཔེ་འཕྲིན། རྒྱུད་གསུམ་མཛེས་རྒྱན་གྱི་བཀའ་ཁྲིད།
ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་མཛད།
བཀའ་ཁྲིད་པ། མཁན་ཆེན་ཨ་པད་རིན་པོ་ཆེ།
རྒྱུད་གསུམ་མཛེས་རྒྱན་གྱི་བཀའ་ཁྲིད་འདི་ནི། རྩ་བ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་རྒྱུད་གསུམ་མཛེས་རྒྱན་ལ་མཁན་ཆེན་ཡོན་ཏན་བཟང་པོའམ་ཨ་པད་རིན་པོ་ཆེས་འཕགས་ཡུལ་དུ་དཔལ་ས་སྐྱའི་སྐྱེས་ཆེན་རྣམ་པ་ལ་བཀའ་ཁྲིད་དུ་སྩལ་བ་འགྲེལ་བའི་ཚུལ་དུ་སྒྲ་ཕབ་པ་ཉིད་ཡིན། དེ་ཡང་རྒྱུད་གསུམ་མཛེས་རྒྱན་ཉི་མ་བཅུ་དྲུག་གི་ཆོས་ཐུན་དུ་བསྩལ་ཞིང་། བརྗོད་བྱ་གནད་འདུས་རྗོད་བྱེད་མང་ཉུང་མཚམ་པས་རྒྱུད་སྡེ་སྤྱི་ལ་འཆད་ཉན་དང་། ཁྱད་པར་གསང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ལ་གསན་བསམ་བྱེད་པ་རྣམས་ལ་ཤིན་ཏུ་ཉེ་བར་མཁོ་བར་ངེས་ཤིང་། ཡུན་རིང་མི་འགོར་བར་ཕྱོགས་སོ་སོར་འགྲེམ་བཞིན་ཡོད་པས། དོན་གཉེར་ཅན་དག་གིས་འབྲེལ་ལམ་བརྒྱུད་ནས་འབྲེལ་བ་གནང་རོགས་ཞུ།
这部《三续庄严》的讲授(笔录),是依据鄂尔千·贡确伦珠的根本颂《三续庄严》,由堪千云丹桑波(即阿贝仁波切)在圣域印度,向萨迦派诸位大德赐予教授时的注疏录音整理而成。这部《三续庄严》共分十六座(或十六天)讲授圆满,其义理摄要精当,文辞繁简适度,对于讲修密续总义,特别是对于讲修殊胜密咒“道果”教授者而言,极为切要实用。由于此书即将在各地发行,敬请有志求法者通过相关渠道与我们联系。
རྩོམ་སྒྲིག་པ། མྱི་གསར་བ།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Neteas