དཔེ་འཕྲིན། རྫོང་སར་རྩོམ་རིག འདོན་ཐེངས་གཉིས་པ།
རྫོང་སར་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྤེལ།
རྫོང་སར་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྤེལ།
དཔེ་འཕྲིན། རྫོང་སར་རྩོམ་རིག
སྤྱིའི་འདོན་ཐེངས་གཉིས་པ།
ཀློགས་མཁན་ལགས། སླར་ཡང་རྫོང་སར་རྩོམ་རིག་འདོན་ཐེངས་གཉིས་པ་མི་འགྱང་བར་སྒོར་བསླེབ་ལ་ཉེ། རྩོམ་སྒྲིག་པས་མཐོང་སྣང་ལ། ཐེངས་འདིའི་དེབ་ཀྱི་ནང་གི་བརྩམས་ཆོས། ཕྱིའི་ཇུས་འགོད་དང་རྒྱུ་སྤུས་སོགས་གང་གི་ཐད་ནས་ཀྱང་སྔར་ལས་ལེགས་ཤིང་འཐུས་སྒོ་ཚང་བར་སྣང་པས། ཁྱེད་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་སྟོང་ཟད་དུ་གཏོང་མི་སྲིད། དེ་བཞིན་དུ། ལོ་སྔ་མའི་ནང་དུ་ཕྱོགས་སོ་སོའི་གྲོགས་པོ་དུ་མས་དོ་སྣང་དང་རྒྱབ་སྐྱོར་བླ་ལྷག་བྱས་པ་ལ་སྙིང་ནས་བཀའ་དྲིན་ཞུ་དགོས་ཡོད། ལྗིད་ཚད་དང་རིན་ཐང་ལ་མི་བལྟ་བར་འུར་ཟིང་དང་སབ་སོབ་ལ་གཡེང་བའི་དུས་འདིར། ཤེས་རིག་དང་རྩོམ་རིག་གི་དད་མོས་ཤིག་ལྗང་སྨྱུག་གི་ས་བོན་བཞིན་སྐྱེད་བསྲིང་བྱ་རྒྱུ་ལས་སླ་མོ་མིན་ཡང་། དངོས་ཤུགས་བརྒྱུད་གསུམ་ནས་སྟོབས་ཤུགས་དང་རེ་བ་ཡང་ཡང་སྩོལ་བའི་ཁྱེད་ཅག་གིས་ང་ཚོར་སྤོབས་པ་དང་སྤྲོ་སྣང་བླ་ལྷག་བསྩལ་བྱུང་། བཀའ་དྲིན་ཆེ།
ཞོར་དུ་ཞུ་འདོད་པ་ཞིག་ལ། ཐེངས་འདིའི་དེབ་ཀྱང་སྒོར་ཐོན་པ་དང་མཉམ་དུ་མདོ་ཁམས་ཕྱོགས་ཀྱི་ས་གནས་མི་འདྲ་བ་སུམ་བཅུ་ལ་ཉེ་བ་ཞིག་ནས་འགྲེམ་སྤེལ་བྱེད་འཆར་ཡོད་ཅིང་། མ་ཟད་སྡེབ་ཚོང་དང་སིལ་ཚོང་གཉིས་ཀ་ཡོད་པས། བླུ་འདོད་པའི་གྲོགས་པོ་ཀུན་གྱིས་དེ་ལྟར་དུ་འབྲེལ་བ་གནང་རོགས་ཞུ། བཀྲ་ཤིས་བདེ་ལེགས།
འགྲེམ་སྤེལ་ས་གནས།
རྫོང་སར། དཀར་མཛེས། དར་མདོ། སྡེ་དགེ། གསེར་རྟ། རྔ་བ། ནང་ཆེན། སྐྱེ་དགུ། རྟའུ། བྲག་མགོ། འབར་ཁམས། མགོ་ལོག བླ་བྲང་། ལི་ཐང་། འཇོ་མདའ། སེར་ཤུལ། ཉག་ཆུ་ཁ། མ་ཎི་གད་མགོ། ཆབ་མདོ། སོགས་ནས་འགྲེམ་སྤེལ་བྱེད་འཆར་ཡོད་པས་མོས་པ་ཅན་རྣམས་ཀྱི་དེ་ལུགས་ཐུགས་ལ་འཇོག་པར་འཚལ།
Signature is customized by Neteas